ས་འཛིན་དཀར་པོའི་དྲ་ཚིགས།

མ་བརྗེད་དགོས།

མ་བརྗེད་དགོས།

གངས་དཀར་རྡུལ་ལ་ནག་ཐིག་མ་བྲིས་དགོས། །

གཙང་ཆུ་སྔོན་མོ་རྙོག་མ་མ་བྱེད་དགོས། །

ལྭ་བ་གདོང་དམར་སླད་ཀྱིས་མ་འདྲེས་དགོས། །

དགོས་པ་དེ་གསུམ་མ་བརྗེད་གངས་ཅན་པ། །

 

གདོད་མིའི་གདངས་ལ་ཅིན་སྒྲས་མེད་པར་དགོས། །

ཀ་མད་སུམ་ཅུར་སྒལ་ཚིགས་མ་ཐོར་དགོས། །

སྦྲ་ནག་ཁྱིམ་གཞིས་དུ་རླངས་མ་ཉམས་དགོས། །

དགོས་པ་དེ་གསུམ་མ་བརྗེད་གངས་ཅན་པ། །

 

ལྭ་བ་གདོད་མིའི་ཆོས་དེར་མ་སྡང་དགོས། །

ཤཱཀྱའི་ཐུབ་པའི་ཆོས་དེ་མ་ཉམས་དགོས། །

ཆོལ་གསུམ་ནང་དམེར་མ་སྦྱོར་ཆིག་སྒྲིལ་དགོས། །

དགོས་པ་དེ་གསུམ་མ་བརྗེད་གངས་ཅན་པ། །

 

མཐོ་སྒང་ནོར་ལུག་མ་བོར་བདག་གཅེས་དགོས། །

གངས་ཅན་གཤིས་བཟང་མ་ཉམས་འཛིན་སྲུང་དགོས། །

མེས་པོའི་རྗེས་བཤུལ་མ་བརྗེད་དེར་བསྙེགས་དགོས། །

དགོས་པ་དེ་གསུམ་མ་བརྗེད་གངས་ཅན་པ། །

 

ཕ་མའི་དྲིན་ལན་མ་དོར་རྗེས་དྲན་དགོས། །

བླ་མ་དམ་ཚིག་སློབ་མའི་མ་ཉམས་དགོས། །

བླ་མའི་སློབ་མར་བྱམས་སྐྱོང་མ་ཆུང་དགོས། །

དགོས་པ་དེ་གསུམ་མ་བརྗེད་གངས་ཅན་པ། །

 

དབུས་པའི་གུས་བསྟོད་གཤིས་བཟང་མ་དོར་དགོས། །

མདོ་སྨད་ཤེས་རིག་སྒྲོན་མེ་མ་ཉམས་དགོས། །

མདོ་སྟོད་སྙིང་སྟོབས་བདེན་དྲང་མ་ཡལ་དགོས། །

དགོས་པ་དེ་གསུམ་མ་བརྗེད་གངས་ཅན་པ། །

 

དགོས་པའི་གཤིས་བཟང་བྱམས་བརྩེ་མ་ཉམས་དགོས། །

དགོས་གལ་ཆེ་བའི་མི་རིགས་མཐུན་སྒྲིལ་དགོས། །

དགོས་པའི་རྒྱུ་མཚན་གནས་ལུགས་ཤེས་པ་དགོས། །

དགོས་པ་དེ་གསུམ་མ་བརྗེད་ཡིད་འཇོག་དགོས། །

                                                        ས་འཛིན་དཀར་པོས།

 

>>

ངོ་བསྟོད་མིན་པའི་སེམས་གཏམ།

ངོ་བསྟོད་མིན་པའི་སེམས་གཏམ།

གླུ་མ་རིག་འཛིན་སྒྲོལ་མ།

ཀ་ལྟར་རིག་གཤིས་བརྟན་འཛིན་མ། །

ཁ་བའི་མདོག་ལྟར་སྒྲོལ་དཀར་། །

ག་དག་བོད་མའི་སྤྱོད་ཚང་མ། །

ང་ཡི་རྣ་བའི་དབྱངས་སྙན་མ། །

 

ཅ་ཅོའི་དྲི་མེད་རིག་འཛིན་མ། །

ཆ་ཆོ་མུན་སེལ་སྒྲོལ་མེ་། །

ཇ་ལོ་མདོག་ལྟར་བཅུད་ལྡན་མ། །

ཉ་གང་རྒྱས་པའི་ལུས་ཕྲ་མ། །

 

ཏ་ལེའི་རིག་དྭངས་མཚོ་འཛིན་མ། །

ཐ་སྙད་ལས་ལ་སྒྲོལ་མཁས་། །

ད་ལྟའི་རིག་པའི་དབྱངས་འཛིན་མ། །

ན་གཞོན་ཀུན་གྱིས་ཡིད་འཕྲོག་མ། །

 

པ་ཊའི་རིག་པ་སྣེར་འཛིན་མ། །

ཕ་མར་བྱམས་ལྡན་སྒྲོལ་དཀར་། །

བ་གླང་སྤྱོད་དོར་བག་ཡོད་མ། །

མ་མ་རིགས་རུས་རྗེས་འཛིན་མ། །

 

ཙ་རའི་རིག་བསྙེགས་དོན་འཛིན་མ། །

ཚ་གཟེར་སྐྱོ་གདུང་སྒྲོལ་མཛོད་། །

ཛ་དྲག་མི་རིགས་གཅེས་འཛིན་མ། །

ཝ་མོའི་སྤྱང་གྲུང་གོམས་མཁས་མ། །

 

ཞ་སྨྱུག་རིག་པའི་རྗེས་འཛིན་མ།

ཟ་ངེ་ཟེང་ངེའི་གནས་སྒྲོལ་མ། །

འ་ཅག་མི་རིགས་བདེར་བརྩོན་མ། །

ཡ་རབས་ཕ་མའི་གོམས་སྤྱོད་མ། །

 

ར་བ་གངས་དཀའི་རིག་འཛིན་མ། །

ལ་རྒྱའི་གནས་ལ་སྒྲོལ་བརྩོན་། །

ཤ་ཁྲག་རིགས་རུས་གཅེས་སྐྱོང་མ། །

ས་དྲུག་མི་རིགས་སྤྱན་གཟིགས་མ། །

 

ཧ་ནི་བློ་རིག་ཡོངས་འཛིན་མ། །

ཨ་རོགས་མུན་སེལ་སྒྲོལ་བྱེད་། །

ཧ་རི་དར་ཅན་དབྱངས་བསྟོད་མ། །

ཨ་མའི་སྦྲ་ཁྱིམ་བདག་མོ་མ། །

                              ས་འཛིན་དཀར་པོས།

 

 

 

>>

སྨན་གཞུང་མ་ཤེས་ན།

སྨན་གཞུང་མ་ཤེས་ན།

ནད་ལ་སྨན་གྱིས་བཅོས་ཚུལ་མ་ཤེས་ན། །

མུན་ཁང་འབེན་ལ་མདའ་ཡིས་ཚད་པ་འདྲ།  །

འབྱུང་བཞིས་ནད་ཁམས་བསྟུན་ཚུལ་མ་ཤེས་ན། །

དབྱར་གོས་དགུན་དུས་གྱོན་ནས་བསྐྱོད་པ་འདྲ། །

 

མི་བུའི་ལུས་ཀྱི་གྲུབ་ཚུལ་མ་ཤེས་ན། །

རྒྱུས་མེད་མགྲོན་པོ་ལུང་ཐང་སླེབས་པ་འདྲ། །

ལུས་ཟུངས་ཁམས་ཀྱི་གནས་ལུགས་མ་ཤེས་ན། །

མིག་ལོང་མདུན་དུ་རྩིས་འཁོར་བཞག་པ་འདྲ། །

 

ཟས་སྐོམ་བྱ་སྤྱོད་བསྟེན་ཚུལ་མ་ཤེས་ན། །

ཤེས་མེད་བྱིས་པས་འོ་མར་ངོམས་པ་འདྲ། །

འབྱུང་བཞིས་སྨན་གྱི་སྦྱོར་སྡེར་མ་ཤེས་ན། །

བ་ལང་རྩྭ་ཟར་ཕྱོགས་མེད་བསྐྱོད་པ་འདྲ། །

 

ནད་རིགས་འབྱུང་རྩ་གནས་ལུགས་མ་ཤེས་ན། །

རྒྱུས་མེད་གཏམ་ལ་ཡིད་ཆེས་བྱེད་པ་འདྲ། །

སྨན་པའི་གསོ་རིག་ལྟ་སྤྱོད་མ་ཤེས་ན། །

འབྲེལ་མེད་མི་བུས་སྨན་ཚིག་སྐྱོར་པ་འདྲ། །

 

སྨན་གྱི་རོ་ནུས་ཞུ་རྗེས་མ་ཤེས་ན། །

ལྐུག་པས་ཟས་ཀྱི་རོ་ལ་མྱོང་པ་འདྲ། །

གཏར་བསྲེགས་དུག་རླངས་སྤྱོད་ཚུལ་མ་ཤེས་ན། །

སྤྲེའུས་བྱིས་པ་ཆུ་ལ་བཀྲུས་པ་འདྲ། །

 

མ་ཤེས་ཤེས་ཁུལ་བྱས་ནས་ལུས་ཟུངས་འཁྲུགས། །

མ་རིག་རིག་མདོག་བྱས་ནས་མགོ་ཉེས་ཤོར། །

མ་རྟོགས་རྟོགས་མདོག་བྱས་ནས་ནད་ངོས་འཁྲུལ། །

མ་བཅོས་བཅོས་མདོག་བྱས་ནས་ཚེ་སྲོག་དོར། །

ས་འཛིན་དཀར་པོས།

>>

བོད་ཀྱི་བརྡ་སྤྲོད་རིག་པའི་སྐོར།

བོད་ཀྱི་བརྡ་སྤྲོད་རིག་པའི་སྐོར་ཀློག་འདོད་ཡོད་མཁན་དྲ་གྲོགས་རྣམས། འདིའི་སྒང་ལ་མནོན་རོགས། Tibetan Gramar1.swf (1,7 MB)

 

>>

Items: 1 - 4 of 4

Photo Gallery: ས་འཛིན་དཀར་པོའི་དྲ་ཚིགས།

Items: 1 - 6 of 6

/album/photo-gallery%3a-%e0%bd%a6%e0%bc%8b%e0%bd%a0%e0%bd%9b%e0%bd%b2%e0%bd%93%e0%bc%8b%e0%bd%91%e0%bd%80%e0%bd%a2%e0%bc%8b%e0%bd%94%e0%bd%bc%e0%bd%a0%e0%bd%b2%e0%bc%8b%e0%bd%91%e0%be%b2%e0%bc%8b%e0%bd%9a%e0%bd%b2%e0%bd%82%e0%bd%a6%e0%bc%8d/a459669-3698177172749-1224966127-3624199-535936093-o-jpg/
/album/photo-gallery%3a-%e0%bd%a6%e0%bc%8b%e0%bd%a0%e0%bd%9b%e0%bd%b2%e0%bd%93%e0%bc%8b%e0%bd%91%e0%bd%80%e0%bd%a2%e0%bc%8b%e0%bd%94%e0%bd%bc%e0%bd%a0%e0%bd%b2%e0%bc%8b%e0%bd%91%e0%be%b2%e0%bc%8b%e0%bd%9a%e0%bd%b2%e0%bd%82%e0%bd%a6%e0%bc%8d/a471555-3697950967094-1224966127-3624164-1895429524-o-jpg2/
/album/photo-gallery%3a-%e0%bd%a6%e0%bc%8b%e0%bd%a0%e0%bd%9b%e0%bd%b2%e0%bd%93%e0%bc%8b%e0%bd%91%e0%bd%80%e0%bd%a2%e0%bc%8b%e0%bd%94%e0%bd%bc%e0%bd%a0%e0%bd%b2%e0%bc%8b%e0%bd%91%e0%be%b2%e0%bc%8b%e0%bd%9a%e0%bd%b2%e0%bd%82%e0%bd%a6%e0%bc%8d/a479258-3690101290857-1224966127-3619790-1337919639-o-jpg/
/album/photo-gallery%3a-%e0%bd%a6%e0%bc%8b%e0%bd%a0%e0%bd%9b%e0%bd%b2%e0%bd%93%e0%bc%8b%e0%bd%91%e0%bd%80%e0%bd%a2%e0%bc%8b%e0%bd%94%e0%bd%bc%e0%bd%a0%e0%bd%b2%e0%bc%8b%e0%bd%91%e0%be%b2%e0%bc%8b%e0%bd%9a%e0%bd%b2%e0%bd%82%e0%bd%a6%e0%bc%8d/a463922-3669858384797-1224966127-3600979-1017377165-o-jpg/
/album/photo-gallery%3a-%e0%bd%a6%e0%bc%8b%e0%bd%a0%e0%bd%9b%e0%bd%b2%e0%bd%93%e0%bc%8b%e0%bd%91%e0%bd%80%e0%bd%a2%e0%bc%8b%e0%bd%94%e0%bd%bc%e0%bd%a0%e0%bd%b2%e0%bc%8b%e0%bd%91%e0%be%b2%e0%bc%8b%e0%bd%9a%e0%bd%b2%e0%bd%82%e0%bd%a6%e0%bc%8d/a462334-3657862324903-1224966127-3595910-779209850-o-jpg/
/album/photo-gallery%3a-%e0%bd%a6%e0%bc%8b%e0%bd%a0%e0%bd%9b%e0%bd%b2%e0%bd%93%e0%bc%8b%e0%bd%91%e0%bd%80%e0%bd%a2%e0%bc%8b%e0%bd%94%e0%bd%bc%e0%bd%a0%e0%bd%b2%e0%bc%8b%e0%bd%91%e0%be%b2%e0%bc%8b%e0%bd%9a%e0%bd%b2%e0%bd%82%e0%bd%a6%e0%bc%8d/a462155-3669846744506-1224966127-3600976-447229720-o-jpg/

Items: 1 - 6 of 6

གླེང་གཞི: མདུན་ངོས་བརྩམས་གསར་ཁག

Date
By
Subject

དྲྭ་བ་ཡག་པོ་བཟོས་འདུག

ས་འཛིན་དཀར་པོ་དྲྭ་བ་ཡག་པོ་ཞེ་དྲག་ཅིག་བཟོས་འདུག

Date
By
Subject

ཡག་པོ་འདུག་

ས་འཛིན་དཀར་པོ་བཀྲ་ཤིས་བདེ་ལེགས་ཞུ།

Date
By
Subject

དྲ་རྒྱའི་སྐོར།

ཁྱེད་ཀྱིས་དྲ་རྒྱ་འདི་ཞེ་དྲག་པོར་བཟོས་འདུག སླར་ཡང་གནས་ཚུལ་གསར་པ་དང་ཤེས་ཡོན་སྐོར་སྤེལ་བའི་སྨོན་འདུན་ཞུ།

Date
By
Subject

གྲོགས།

ཁྱེད་ཀྱི་དྲྭ་རྒྱ་ཤིན་ཏུ་ལེགས། ཟིན་བྲིན་སྐབས་སུ་ཡི་གེ་ཞེ་དྲག་གི་ཆུང་ཆུང་འདུག་བཟོ་སྒྲིགས་གཅིག་བྱོས་དང་། བཀྲིས་བདེ་ལེགས།

Date
By
Subject

ཁམས་བཟང་ས་འཛིན་དཀར་པོའི་དོ་དམ་པ་ལགས།

སྐུ་ཉིད་ནས་དོ་དམ་དང་གསར་བཟོ་བྱས་པའི་ས་འཛིན་དཀར་པོ་ཞེས་པའི་དྲྭ་ཚིགས་ནི་ང་ཚོའི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་བྱེད་སའི་རྒྱང་ཤེལ་དང་། ད་ལྟའི་གནས་བབ་གླེང་སའི་བར་སྟོང་། མ་འོང་པའི་ཕུག་བསམ་ལ་ཁ་ཕྱོགས་སའི་ལམ་བུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

Date
By
Subject

Re: ཁམས་བཟང་ས་འཛིན་དཀར་པོའི་དོ་དམ་པ་ལགས།

ངོ་མ་ཡག་པོ་འདུག

Date
By
Subject

འཚམས་འདྲི།

ས་འཛིན་དཀར་པོའི་དྲ་ཚིགས་ལ་བཀྲ་ཤིས་བདེ་ལེགས་ཞུ། དངོས་གནས་ཧུར་བརྩོན་གནང་འདུག ད་དུང་མུ་མཐུད་ནས་དེ་ལྟར་གནང་རོགས།།

Date
By
Subject

Re: འཚམས་འདྲི།

བཀྲ་ཤིས་བདེ་ལེགས་ཞུ།

Date
By
Subject

ལེགས་གསོ།

ཤེས་ཡོན་ཅན་རེ་རེའི་དེ་འདྲ་རེ་བྱོས་དང་། བོད་མི་རིགས་འདི་ཡར་རྒྱས་མྱུར་དུ་ཡོང་ངེས་པས་བཟང་།

Date
By
Subject

འཚམས་འདྲིའི་ཆེད་དུ།

ངོ་མ་དྲ་བ་་འདི་མིང་དོན་གཉིས་ཁ་ཁ་ཆགས་མི་འདུག། བཀྲ་ཤིས་བདེ་ལེགས་གྲངས་མེད་བཞུ།

Items: 1 - 10 of 15

1 | 2 > >>

Search site

པར་དབང་ཡོད་ཚད་ས་འཛིན་དཀར་པོར་དབང་བས་རང་དབང་བེད་སྤྱོད་མི་གནང་བ་ཞུ།

Free website builder